Tuesday, August 4, 2015

རྒྱལ་བའི་བསྟོད་པ།



མཇལ་བས་མིག་གི་བདུད་རྩི།
རྩ་བའི་བླ་མའི་ཞལ་རས།
བླ་མའི་ཞལ་རས་མཇལ་བས།
སྔོན་བསགས་བསོད་ནམས་བཟང་བྱུང།
ཐོས་བས་རྣ་བའི་བདུད་རྩི།
རྩ་བའི་བླ་མའི་གསུང་དབྱངས།
བླ་མའི་གསུང་དབྱངས་ཐོས་པས།
ལས་དང་སྨོན་ལམ་བཟང་བྱུང།
ཨ་ལ་རེ། ཡ་ལ། ཡ་ལ། ཡ་ལ་རེ།
བླ་མའི་གསུང་དབྱངས་ཐོས་པས།
ལས་དང་སྨོན་ལམ་བཟང་བྱུང་་་་བྱུང་ཡ་ལ་རེ།
དྲན་ནས་ཡིད་ཀྱི་བདུད་རྩི།
རྩ་བའི་བླ་མའི་ཐུགས་མཆོག
བླ་མས་རྗེས་སུ་འཛིན་པའི།
གསོལ་བ་སྙིང་ནས་བཏབ་ཡོད།
བླ་མའི་སྐུ་ཚེ་བརྟན་པའི།
མཆོག་གསུམ་དད་འདུན་སྨོན་ལམ།
ཁྱེད་ཀྱི་བཀའ་དྲིན་རྗེས་དྲན།
བོད་མི་ང་ཚོས་ཞུས་མཆོག
ཨ་ལ་རེ། ཡ་ལ། ཡ་ལ། ཡ་ལ་རེ།
ཁྱེད་ཀྱི་བཀའ་དྲིན་རྗེས་དྲན།
བོད་མི་ང་ཚོས་ཞུས་མཆོག་་་་་མཆོག་ཡ་ལ་རེ།

Monday, August 3, 2015